ཁྱིམ་ཚང་ཞིག་གི་སྐྱིད་སྡུག་དང་ཕུ་ནུ་གཉིས་ཀྱི་མི་ཚེ་ལས།སྤྱི་ཚོཊ་ཤིག་གི་འཕེལ་འགྱུར་མཚོན་ལ།ཡང་ན་སྤྱི་ཚོཊ་ཀྱི་འཕེལ་འགྱུར་འོག་གི་མི་ཕལ་བའི་སྐྱིད་སྡུག་དང་མི་ཚེ་བརྗོད་པའི་སྙན་ངག་ལོ་རྒྱུས་སྙན་ངག་རིང་མོ་ཞིག དུས་ཚོད་དྲུག་ཅན་གྱི་གློག་བརྙན་རིང་བོ་ཞིག་ཡིན་ཡང་། ཕ་མ་བུ་ཕྲུག་དང་མིང་སྲང་སྤུན་ཟླ། བཟའ་ཚང་དང་གྲོགས་པོ་སོགས་ཀྱི་བརྩེ་བ་མཚོན་པར་དྲག་པོའི་འུད་ཀྱིས་བརྗོད་ཀྱང་དང་རླུང་གི་གཡབ་མོ་མི་གཡུགས་པར། ཧ་ཅང་ཞི་ཞིང་འཇམ་ལ་ཞིབ་ཕྲའི་ངོས་ནས་བརྗོད་འདུག་པས། བལྟ་འདོད་ཀྱི་དང་བ་རབ་ཏུ་འདྲེན་ཀྱང་། སྐབས་སྐབས་སུ་གར་ཡོང་མི་ཤེས་པའི་ཡིད་འགུལ་གྱིས་མིག་ཆུའང་གཏོར་དུ་འཇུག་པའི་སྒྱུ་འཕྲུལ་ལྡན་པའི་གློག་བརྙན་ཕུལ་དུ་བྱུང་བ་ཞིག གློག་བརྙན་ནང་གི་མི་སྣ་སོ་སོ་བཞེངས་པ་ཚད་དང་ལྡན་ཞིང་ཚུལ་དང་མཐུན་ལ། མི་སོ་སོས་རང་རང་གི་མི་ཚེའི་དད་འདུན་མི་གཅིག་པ་བཞིན་དུ་མི་ཚེའི་བརྒྱུད་རིམ་ཡང་མི་གཅིག་པ་བརྒྱུད་བཞིན་འདུག གང་ལྟར་ཡང་འཇིག་རྟེན་གྱི་ཡོད་ཚད་ནི་མཚར་སྡུག་ལྡན་པ་ཞིག་ཅི་ལ་མིན། དཔེ་བཞག་ན་གློག་བརྙན་འདི་འདྲ་ཡག་པ་ཞིག་ལ་བལྟ་ཐུབ་པ་ལྟ་བུ། everything that exists is beautiful!!!

灿烂人生La meglio gioventù(2003)

又名:灿烂时光(台) / 最好的青春 / 少年万岁 / 璀璨人生 / The Best of Youth

上映日期:2003-06-22片长:366分钟

主演:路易吉·洛·卡肖 / 阿莱西奥·博尼 / 索尼娅·贝加马斯科 / 玛雅·珊萨 / 法布里齐奥·吉福尼 / 杰丝敏·特丽卡 / 里卡多·斯卡马乔 / 安德烈提多娜 / 瓦伦蒂娜·卡妮卢提 / 卡米拉·菲利皮 / 莉迪亚·维塔莱 / Claudio Gioè / 斯特凡诺·阿伯蒂 / 

导演:马可·图利奥·吉奥达纳 / 编剧:萨多·皮查歌利尔 Sandro Petraglia/Stefano Rulli

灿烂人生相关影评

就九