དངོས་ཟིན་གློག་བརྙན་༼འཇེན•གོས་དོ་ཨར་གྱི་ངོ་མཚར་བའི་མི་ཚེ་གཅིག།༽

"འགྲོ་བ་མིའི་རིགས་ལ་ཕུལ་དུ་བྱུང་བའི་ཤེས་སྟོབས་ཡོད་པ་འདིས་ང་ཚོས་བབ་ཅོལ་གྱི་བྱ་སྤྱོད་ལ་བརྟེན་ནས་ས་གོ་ལའི་སྟེང་གི་སེམས་ཅན་འགའ་རེ་མུ་མཐུད་དུ་འཚོ་གནས་ཐུབ་མིན་ལ་དཀའ་ངལ་བྱུང་ཡོད་པའི་གནས་ཚུལ་འདིའི་རིགས་ལ་འགན་ཁུར་དགོས་པ་མཚོན།"ཞེས་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་ནི་འཇེན•གོས་དོ་ཨར་གྱིས་གསུངས་ཤིང་ལེགས་བཤད་འདི་ལས་ཁོ་མོ་སྐྱེ་དངོས་རིག་པ་དང་སྲོག་ཆགས་རིག་པ་བ་ཞིག་ཡིན་པ་གསལ་བོར་ཚོར་ཐུབ། མོ་ནི་༡༩༣༤ལོར་དབྱིན་ཇི་ནས་སྐྱེས་ཤིང་བྱིས་དུས་ཀྱི་ཕུགས་བསམ་དང་ལས་དབང་སྙིང་རྗེ་བོ་ཞིག་གི་བཀོད་སྒྲིག་འོག་ནས་ཧྥེ་གླིང་གི་གདོད་མའི་ནགས་ཚལ་དུ་སྲོག་ཆགས་སྤྲ་ནག་ལ་ཞིབ་འཇུག་དང་རྟོག་དཔྱོད་ཆེད་དུ་འབྲོག་སྟོང་དེ་རུ་ལོ་ངོ་༣༨་བསྐྱལ་ཡོད་ཅིང་སྤྲ་ནག་གི་ལུས་སྟེང་ནས་སྔར་ཡབ་མེས་ཚོས་རྟོགས་མ་མྱོང་བའི་གོ་རྟོགས་མང་པོ་ཞིག་གི་ཟིན་ཐོ་བརྒལ་ནས་འཛམ་གླིང་ཡོངས་ལ་སྙན་གྲགས་བཞག་པའི་སྐྱེས་མ་དམིགས་བསལ་བ་ཞིག་རེད། དངོས་ཟིན་གློག་བརྙན་འདི་ནི་ཁོ་མོའི་འདས་མ་ད་གསུམ་དང་ཧྥེ་གླིང་སྐབས་ཀྱི་ཁེར་རྐྱང་དང་འཇིགས་སྣང་། དཀའ་ངལ་དང་མིག་ཆུ། བར་ཐག་དང་གོ་རྟོགས། སྤྲ་ནག་བར་གྱི་རྒྱས་ལོན། ད་དུང་མོའི་དགའ་རོགས་བར་གྱི་བརྩེ་དུང་སོགས་བརྗོད་བྱར་བྱས་ཡོད་པ་ཞིག་རེད། སྤྲོ་སྣང་ཡོད་པའི་བྱ་བ་ཞིག་སྒྲུབ་པ་ཧ་ཅང་དཀའ་མོ་ཡིན་ལ།དེ་བས་ཀྱང་རང་ཉིད་གང་ཞིག་ལ་སྤྲོ་སྣང་ཡོད་པ་ངོས་ཟིན་རྒྱུ་ནི་དཀའ་ངལ་ཆེ་ཤོས་ཤིག་རེད་འདོད། འོན་ཀྱང་མོ་དེ་ལས་ལྡོག་སྟེ་རིགས་གཅིག་རྐང་འཛིན་གྱི་ཚུལ་གྱིས་རང་མོས་པའི་བྱ་བ་མཐར་ཕྱིན་ཞིང་ཆེས་ཐོག་མའི་སྤྲ་ནག་ལ་བཟུང་བའི་བརྩེ་བ་ཆུང་ཆུང་དེ་ཡང་ཁོ་མོའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ཟོམ་མེད་གཞུང་དྲང་གི་གཤིས་ཀ་དང་བསྟུན་ནས་ཁྱབ་རྒྱ་ཆེ་རུ་སོང་སྟེ། རི་སྐྱེས་སྲོག་ཆགས་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་དགོས་པའི་འབོད་བརྡ་ད་སྔོན་བཏང་ཟིན་ལ། ད་ལྟ་ཡང་གཏོང་བཞིན་ཡོད།

སྤྱིར་རང་བྱུང་ཁོར་ཡུག་དང་སྲོག་ཆགས་ཀྱི་རང་བཞིན་ལ་སུས་ཀྱང་གཏོར་བཤིག་ཐེབས་མ་མྱོང་བའི་ཆ་ཤས་ཤིག་ལྷན་སྐྱེས་ནས་གནས་པས།བཅོས་མིན་ཀྱི་བྱ་དངོས་འདི་དག་ལ་ང་ཚོ་ཇི་ཙམ་ཉེ་བར་བཅར་ན།དེ་ཚོད་ཀྱིས་གནས་ལུགས་ལ་རྗེན་ཆེར་གྱི་མྱོང་བ་ཞིག་ཐོན་ཡོང་ངེས།དེ་ཡང་ཁོ་མོས་"ངས་རང་ནུས་ཅི་ལྕོགས་ཀྱིས་སྲོག་ཆགས་དང་རང་བྱུང་ལ་ཉེ་བར་བཅར་མོད། མཐར་གོ་རྟོགས་གསར་བ་གང་ཞིག་རྙེད་ཡོད་ཟེར་ན། དེ་ནི་རང་བྱུང་ལ་ཇི་ཙམ་ཉེ་བར་གཅར་ན། དེ་ཚོད་ཀྱིས་རང་ཉིད་ལ་ཉེ་བར་གཅར་ཐུབ་པར་མ་ཟད། རང་བྱུང་གི་སྟོབས་ཤུགས་ལ་ཐུན་མོང་གི་ཚོར་བ་ཞིག་སྐྱེས་བྱུང་།"ཞེས་པ་འདིའོ།། ༼འཇེན•གོས་དོ་ཨར་གྱི་ངོ་མཚར་བའི་མི་ཚེ་གཅིག༽་ལ་བལྟས་རྗེས།འཇིག་རྟེན་པའི་བྱ་བ་ཀུན་དོན་ཆུང་དུ་འཇོག་ཅིང་ཐལ་དྲགས་པའི་མི་རྟག་པའི་འདུ་ཤེས་ཤིག་གིས་ཡོངས་སུ་མནར་བའི་རང་ཅག་གངས་རིའི་ལྗོངས་ལ་ཡང་།གཞན་གྱིས་ཚབ་བྱེད་མི་ཐུབ་པའི་རིག་གནས་དང་སྲོག་ཆགས་སོགས་མཐའ་ཡས་པ་ཞིག་ཡོད་པས། རང་ཅག་བོད་ཡུལ་འདིར་ཡང་འདི་ལྟ་བུའི་མི་སྣ་ཁྱད་པར་བ་ཞིག་བྱུང་ན་མི་མ་རུང་སྙམ་པའི་ཚོར་ཡང་ཡང་སྐྱེས་སོང་།

ཟིན་བྲིས་སྟབས་བདེ་ཞིག་གི་ཚུལ་དུ་༢༠༢༣.༡༠.༢༧ཉིན་ལ།


珍·古道尔的传奇一生Jane(2017)

又名:珍 / 珍·古道尔

上映日期:2017-09-10(多伦多电影节)片长:90分钟

主演:简·古道尔 / 雨果·凡·拉维克 / 雨果·埃里克·路易斯·凡·拉维克 / 

导演:布莱特·摩根 / 编剧:布莱特·摩根 Brett Morgen

珍·古道尔的传奇一生相关影评

怡冬-
怡冬- •