དངོས་ཡོད་ལས་འགོངས་པའི་གནས་ཞིག་ཏུ།ཕྱི་ཚུལ་ཕལ་ཆེར་འདྲ་བའི་སྐྱེས་པ་ལྔས་ཕན་ཚུན་ལ་རྒྱབ་གཏད་ཅིང་གོར་གོར་བྱས་ནས་བསྡད་ཡོད།ཁོ་ཚོའི་གདོང་ན་ཉམས་མེད་མོད།མིག་གིས་ཕྱོགས་སོ་སོར་ལྟ་ཚུལ་ལས།ནང་སེམས་ན་འགྱུར་བ་རྒོད་པ་ཚོར་འོངས།ཁོ་ཚོའི་གྲས་ནས་མི་གཅིག་མདུན་དུ་གོམ་པ་གང་སྤོས་ན།ཁོ་ཚོའི་རྐང་འོག་གི་ས་ངོས་གསེག་འགྲོ།མ་གཞིར་སྐྱེས་པ་འདི་དག་མཁའ་ན་འཕགས་པའི་པང་ལེབ་གྲུ་བཞི་ཞིག་ཏུ་བསྡད་ཡོད་པ་དང་།འགུལ་བསྐྱོད་ཅུང་ཙམ་གྱིས་དོ་མཉམ་ཤོར་བར་བྱེད།ཁོ་ཚོ་མཉམ་འབྲེལ་སྒོས་པང་ལེབ་ཀྱི་ཕྱོགས་སོ་སོར་སོང་ཞིང་གང་ནུས་ཀྱིས་དོ་མཉམ་ཤོར་དུ་མ་བཅུག དེ་ནས་སོ་སོས་ཉ་འཛིན་བྱེད་ཀྱི་ལྕགས་ཀྱུ་རེ་ཕྱིར་བཏོན་ཞིང་པང་ལེབ་ཀྱི་མཐའ་སོ་སོ་ནས་ཐུར་ལ་བསྣར་བ་དང་།དེ་ལས་མི་གཅིག་གིས་ཤིང་སྒམ་ཞིག་འཛིན་ཐུབ་པ་བྱུང་།ཁོས་ཤིང་སྒམ་དེ་ལ་བརྟག་དཔྱད་གཏོང་བའི་སྐབས་སུ།སྐྱེས་པ་གཞན་བཞི་བོའང་ཡ་མཚར་སྐྱེས་ཤིང་ཤེས་འདོད་སྐྱེས་པས།པང་ལེབ་ཀྱི་དོ་མཉམ་ཤོར་དུ་བཅུག་ནས་ཤིང་སྒམ་རང་གི་ཕྱོགས་སུ་ཤུད་དུ་བཅུག ཤིང་སྒམ་དེ་ལ་སྒྲ་སྙན་མོ་ཞིག་གྲགས་རྒྱུ་འདུག་པས།མི་དེ་དག་གི་ཡིད་སེམས་དབང་མེད་དུ་བཀུག ཡིན་རུང་པང་ལེབ་ལ་དོ་མཉམ་ཤོར་སོང་ན་ཁོ་ཚོ་ཚང་མ་མར་ལ་ལྷུང་བའི་ཉེན་ཁ་མཆིས་པས།མི་གཅིག་མ་གཏོགས་སྒམ་དེ་ལ་བཅར་ཐབས་མེད།དེ་ལྟར་འདོད་ཆགས་དང་ཕྲག་དོག་གི་དབང་གིས་ཞེ་སྡང་སྐྱེས་ཤིང་འཁྲུག་རྩོད་བྱུང་སྟེ།མི་བཞི་པང་ལེབ་ནས་མར་ལ་ལྷུང་།མཇུག་མཐར་ཤུལ་དུ་ལུས་པའི་མི་གཅིག་པོ་དེ་རང་གི་ཁ་གཏད་ཀྱི་ཤིང་སྒམ་ལ་བཅར་ན་འདོད་ཀྱང་དོ་མཉམ་ཤོར་འགྲོ་བར་དོགས་ནས་ཁེར་རྐྱང་དུ་ལུས།འདི་ལས་ཉོན་མོངས་ཀྱིས་མི་སེམས་དཀྲུགས་ཤིང་སྐྱེ་ཁམས་ཀྱི་དོ་མཉམ་ཤོར་དུ་བཅུག་ནས་མཐའ་མར་འགྲོ་བ་ཡོངས་ལ་གནོད་འཚེ་སྐྱེལ་ཡོང་བའི་མཚན་ཉིད་རིག་པའི་གནས་ལུགས་བསྟན་ཡོད་པའམ།ཡང་ན་དེ་ལས་ཀྱང་རྒྱ་ཆེ་བའི་གནས་ལུགས་མང་བོ་བསྟན་ཡོད་ཀྱང་སྲིད།མཇལ་རིན་ཆེན་པོ་ལྡན།

平衡Balance(1989)

上映日期:1989(西德)

主演:未知

导演:Christoph Lauenstein/Wolfgang Lauenstein

平衡相关影评

MJ Y
MJ Y • 人性
风铃
恰恰
恰恰 • 4
kreuzzz
.
. •